classification
Category
- All
- Gampopa's Scripture
- Tsongkhapa's Scripture
- Gorampa's Scripture
- Ju Mipham's Scripture
- 8th Karmapa's Scripture
- Texts of the Bön Tradition
- Jiang Kangyur
- Works of Choedragpal
- Works of Gharungpa Lhahi Gyaltsen
- Works of Ngawang Lodroe Dragpa
- Works of Matipanchen
- Works of Kungapal
- Works of Kunpang Thugje Tsondue
- Works of Tsalminpa Sonam Zangpo
- Works of Kunga Yeshe Gyatso
- Works of Tāranātha
- Lhasa Kangyur
- Dege Tengyur
- Works of Ngawang Yonten Zangpo
- Works of Dolpopa
- Works of Choglenamgyal
- Works of Lotsawa Lodroe Pal
- Works of Sonam Dragpa
- Dege Kangyur
- Home
- ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་བཀའ་འབུམ། The Collected Works of Gorampa 遍知果然巴大師全集
- ཀ
- དཀར་ཆག
1-1-0a
༼ཀ༽ ༄༅། །ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་བཀའ་འབུམ། །
1-1-0b
empty page
1-1-1a
གླེགས་བམ་དང་པོ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཀུན་མཁྱེན་བླ་མ་ཆེན་པོའི་གསུང་འབུམ། དབུ་ཤོག་ཀུན་མཁྱེན་བླ་མར་མཆོད་བརྗོད་ཞལ་གསུངས་མ། ལྡེབ་ ༡ ཀུན་མཁྱེན་བླ་མའི་གསུང་འབུམ་གྱི་མཚན་གྲངས་དང་བཞུགས་བྱང་མདོར་བསྡུད་སུ་བཀོད་པ། ལྡེབ་ ༥ རྗེ་བླ་མ་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་གྱི་ པོ་ཏི་ཐོག་མའི་སྐབས་ལས་བསྟོད་ཚོགས་ཀྱི་སྐོར། དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས་པ་བསོད་ནམས་རབ་རྒྱས། རྗེ་བཙུན་བླ་མ་ཀུན་དགའ་བཟང་པོ་ལ་ བསྟོད་པ་བསྟོད་དབྱངས་རྒྱ་མཚོ་རྣམ་པར་རོལ་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ། མཚན་སྤེལ། རྗེ་བཙུན་བླ་མ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་ ཆུ་རྒྱུན། ཁ་སྐོང་། མཚན་སྤེལ་གྱི་བསྟོད་པ་རིན་ཆེན་དཀོན་མཆོག་མ། བདག་ཆེན་ཆུ་མིག་པ་ལ་བསྟོད་པ། ཀུན་དགའ་དབང་ཕྱུག་པའི་བསྟོད་ པ། རབ་འབྱམས་པ་ཤེས་རབ་དཔལ་བཟང་པོ་ལ་བསྟོད་པ། རབ་འབྱམས་པ་སངས་རྒྱས་འཕེལ་ལ་བསྟོད་པ་ཀཱ་ལི་སྤེལ་བ། ཀུན་མཁྱེན་སངས་རྒྱས་འཕེལ་བ་
1-1-1b
ལ་བསྟོད་པ། མཁས་པ་གུང་རུ་ལ་བསྟོད་པ། དཀོན་མཆོག་རྒྱལ་པོ་ལ་བསྟོད་པ། བདག་ཆེན་བློ་གྲོས་ལ་བསྟོད་པ། སློབ་དཔོན་ཀུན་དགའ་འབུམ་གྱི་ བསྟོད་པ། རྗེ་ཉིད་ཀྱི་བསྟོད་པ་ཁག་གཉིས། ཡོངས་འཛིན་དཀོན་མཆོག་འཕེལ་ལ་བསྟོད་པ། པཎྜི་ཏ་གྲགས་པ་རྡོ་རྗེའི་བསྟོད་པ། གླིང་སྨད་པཎྜི་ཏ་ལ་བསྟོད་པ། ཀརྨ་པའི་བསྟོད་པ། རྗེ་རིན་པོ་ཆེ་སྐུ་སྐྱེ་བའི་དྲུང་གི་བསྟོད་པ། ཆུ་འདུས་མཁས་བཙུན་པ་ལ་བསྟོད་པ། འཆུ་མ་སྡེ་ཆེན་གྱི་མཁན་པོ་ནམ་མཁའ་དཔལ་ སྐྱོང་གི་བསྟོད་པ། སློབ་དཔོན་སྦྱིན་པ་བཟང་པོའི་བསྟོད་པ། རྗེ་ཉིད་ཀྱིས་བཞེངས་པའི་གསུང་ངག་རིན་པོ་ཆེའི་བརྒྱུད་པའི་བྲིས་སྐུའི་ངོས་ནས་བཤུས་ཏེ་བྲིས་པའི་བརྒྱུད་འདེབས། ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་། བདེ་མཆོག་བརྒྱུད་པའི་གསོལ་འདེབས་ཁ་སྐོང་། གསང་འདུས་རིམ་ལྔའི་བརྒྱུད་འདེབས་ཁ་སྐོང་། ཕར་ཕྱིན་བརྒྱུད་ འདེབས། ཚད་མའི་བརྒྱུད་འདེབས། རྒྱལ་ཚབ་བྱམས་པའི་བསྟོད་པ། རྗེ་བཙུན་མ་སྒྲོལ་མའི་བསྟོད་པ། ཆོས་སྐྱོང་གི་བསྟོད་པ། ལྡེབ་
1-1-2a
ཕར་ཕྱིན་དང་ཚད་མ་བརྒྱུད་པའི་བླ་མ་ལ་མཆོད་བསྟོད་རིན་པོ་ཆེའི་ཕྲེང་བ། རྟགས་འཇུག་གི་ཊཱི་ཀ །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ གྱི་རྣམ་བཤད་ཀུན་ཏུ་བཟང་པོའི་འོད་ཟེར། ཚད་མ་གྲུབ་པའི་ལེའུ། མངོན་སུམ་ལེའུ། གཞན་ དོན་ལེའུ། བསྡོམས་ལྡེབ་ ༣༩༢ ཡོད།
1-1-2b
empty page
1-2-0a
༄༅། སརྦ ཛྙ མ ཧཱ གུ རུ ཤཱ སྟྲཾ སརྦ པ ཀྵ བི ཛ ཡ བི ཧ ར ཏི སྨ། ། ༄༅། །ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཀུན་མཁྱེན་བླ་མ་ཆེན་པོའི་གསུང་འབུམ་བཞུགས།
1-2-0b
བོ དྷྱ ར ཏྣ མེ རུ ཀཱུ ཊ པུ ཎྱ སཱ ར མ དྷྱ ཨཱ ས བྷཱ ཥ ས ཧ པཱ ཊ བཱ ས ཨ ནྡྱ གེ པ གུ ཎྞ ན མྱ ག ༄༅། །གདམས་པའི་རིན་ཆེན་ལྷུན་བརྩེགས་མཆོག །བསོད་ནམས་རྒྱ་མཚོའི་དབུས་གནས་ཤིད། །ལེགས་བཤད་སེང་གེའི་བསྟི་གནས་ཆེ། །ཡོན་ཏན་རི་དབང་ལ་ཕྱ་འཚལ། །
1-2-1a
༄༅། །ཀུན་མཁྱེན་བླ་མའི་གསུང་འབུམ་གྱི་མཚན་གྲངས་དང་བཞུགས་བྱང་མདོར་བསྡུས་སུ་བཀོད་པ་བཞུགས་སོ།། །།
1-2-1b
དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་མཁྱེན་བརྩེ་ནུས་པའི་གཏེར་མཛོད་བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་ དུ་གསོལ། འདིར་གསུང་རབ་སྤྱི་དང་བྱེ་བྲག་ཏུ་རྗེ་བཙུན་གོང་མའི་དགོངས་པ་འགྲེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཀུན་མཁྱེན་བླ་མ་ཆེན་པོའི་གསུང་འབུམ་པོད་བཅུ་གསུམ་གྱི་མཚན་གྲངས་དང་བཞུགས་ བྱང་ཙམ་མདོར་བསྡུས་སུ་བཀོད་པ་ལ། ཐོག་མར་གླེགས་བམ་༼ཀ༽པ་ལ། བླ་མ་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས་པ་བསོད་ནམས་རབ་རྒྱས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ་བསྟོད་དབྱངས་ རྒྱ་མཚོ་རྣམ་པར་རོལ་པ་དང་མཚན་སྤེལ་གྱི་བསྟོད་པ། རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པ་ངོ་མཚར་ཆུ་རྒྱུན་ཁ་སྐོང་བཅས་དང་མཚན་སྤེལ་གྱི་བསྟོད་པ་རིན་ཆེན་དཀོན་མཆོག་མ། བདག་ཆེན་ཆུ་མིག་པ་བློ་གྲོས་
9-6-1a

༄༅། །སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཁ་སྐོང་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པའི་ལེགས་བཤད་འོད་ཀྱི་སྣང་བ་ཞེས་བྱ་བ་བཞུགས། །