ངོ་སྤྲོད་མདོར་བསྡུས།

  • 1. ཨ་དཪྴ་མཉེན་ཆས་བརྒྱུད་ནས་སྔ་རབས་ཀྱི་ཡིག་ཆ་རྣམས་ཨང་གྲངས་རྗེས་འབྲེལ་གྱི་སྒྲུབ་ཚུལ་དང་བསྟུན་ཏེ། ཀློག་པ་དང་འཚོལ་ཞིབ་བྱེད་ནུས་པ་ཡིན། དེའི་ནང་དུ་གཙོ་བོ་སྡེ་ཚན་ཁག་གསུམ་བཞུགས་ཡོད་པ་ལས་ ༼ཀ༽ བཀའ་འགྱུར། ༼ཁ༽ བསྟན་འགྱུར། ༼ག༽ གསུང་འབུམ་མམ་བོད་མ་བཅས་སོ། །
  • 2. མཉེན་ཆས་འདིའི་ཁྱད་ཆོས་ནི་འཕྲུལ་ཆས་འདིས་དེང་དུས་དང་མཐུན་པར་འཚོལ་སྒྲུབ་བྱེད་མྱུར་བ་དང་། ཀུན་གྱི་དགོས་མཁོ་དང་གོམས་གཤིས་ལྟར་བེད་སྤྱོད་གཏོང་མཁན་ཚོས་སྟབས་བདེའི་ཐོག་ནས་འཚོལ་ཀློག་ཐུབ་པ་ཡིན། འཚོལ་ཞིབ་འདི་ Unicode དང་། བོད་སྐད་ Wylie ཐོག་ནས་སྒྲིག་འཇུག་བྱ་ཐུབ་པ་ཡིན། སློབ་གཉེར་བ་ཡོངས་ལ་གང་ཅིའི་ཆ་ནས་སྟབས་བདེ་བའི་ཕྱིར་གསུང་རབ་ཀྱི་སྙིང་དོན་ནམ་སྡེ་ཚན་རྣམས་གོ་རིམ་བཞིན་བསྒྲིགས་ཡོད།
  • 3. དཔལ་༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་མཉེན་ཆས་འདིའི་མིང་ “ADARSHAH” ཀུན་གསལ་མེ་ལོང་། ཞེས་འདོགས་གནང་མཛད་པ་ལྟར། བེད་སྤྱོད་མཛད་མི་རྣམ་པས་ཀྱང་ཀུན་གསལ་མེ་ལོང་ནང་གཟུགས་བརྙན་འཆར་བ་བཞིན་གསུང་རབ་མ་ལུས་ཡིད་ངོར་གསལ་བར་འཆར་ཐུབ་པའི་སྨོན་འདུན་ཞུ།

ཁྱད་ཆོས།

  • 1. འཚོལ་ཞིབ། ཨ་དཪྴ་འདིས་ཚིག་ཡོངས་རྗོགས་དང་། མཚན་བྱང་། དཀར་ཆག་གི་སྐོར། གྲུབ་འབྲས་རྣམས་གཙང་བཟོ་ཐུབ་པ་བཅས་འཚོལ་ཞིབ་མྱུར་དུ་མཛད་ཐུབ་པའི་མཐུན་རྐྱེན་དང་ལྡན་ཡོད། ཀློག་པ་པོས་མ་དཔེ་དང་བཅས་པ་མཚན་བྱང་དང་། བམ་པོ། དཀར་ཆག་བཅས་ཀྱི་གོ་རིམ་ལྟར་གཟིགས་ཐུབ།
  • 2. ཡིག་གཞི་འཆར་ཚུལ། ཀློག་པའི་སྐབས་བཀོད་གཤོམ་དངོས་སུ་ཤར་བའི་ཡི་གེ་ཆེ་ཆུང་དང་། བར་སྟོང་ཆེ་ཆུང་སོགས་ཀྱི་སྒྲིག་འཛུགས་ཆེད་ Wylie ལ་གཟིགས་ཏེ་གནང་ཐུབ།

ཡར་རྒྱས་ཚོགས་པ།

  • དཔལ་༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཕྱོགས་སྒྲིག་དང་པར་སྐྲུན་ཞུས་པ་ཡིན།
  • མཚུར་ཕུ་བླ་བྲང་།
  • དམ་ཆོས་བང་མཛོད་ལས་འཆར་ཚོགས་པ།
  • འབྲེལ་གཏུགས་ཁ་བྱང་། https://support.dharma-treasure.org/contact

ཐུགས་རྗེ་བླ་མེད་ཆེ།

  • ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཚོགས་པའི་བརྒྱུད་ནས་མ་དཔེ་ཁ་ཤས་ཤིག་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
  • བརྒྱད་ཁྲི་བཞི་སྟོང་བཀའ་བསྟན་ཕབ་སྒྱུར་ཚོགས་པར་ཐུགས་རྗེ་ཆེ་ཞུ། མདོའི་དབྱིན་ཡིག་ཆོས་ཚན་རྣམས་བརྒྱད་ཁྲི་བཞི་སྟོང་བཀའ་བསྟན་ཕབ་སྒྱུར་ཚོགས་པ་ལས་བཏུས།
16th Karmapa